Friday 25 October 2013

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།

The new board members of Gu-Chu-Sum Movement of Tibet had the pleasure of brief meeting with the Honorable Sikyong and speaker of the parliament of the Central Tibetan Administration.

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༤ ཉིན་རྒྱབ་དུས་ཚོད་ ༥ ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་མདུན་དུ་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། དྲུང་ཆེ་རྨེའུ་དཀོན་རྒྱམ་བཅས་བཅར་ནས་ཚོགས་པའི་སྒྲིག་གཞིར་འགྱུར་བ་ཕྱིན་སྟངས་དང་གྲོས་ཆོད་ཁག མ་འོངས་པའི་ལས་དོན་བྱེད་ཕྱོགས་བཅས་སྙན་གསེང་ཞུས། ལྷག་པར་ཚོགས་པའི་སློབ་གྲྭའི་སྐོར་དེ་དམིགས་བསལ་གྱིས་ཞུ་སྐབས་སྲིད་སྐྱོང་མཆོག་གིས་སློབ་གྲྭར་ཐེ་ཝན་སྐུ་ཚབ་དོན་གཅོད་བརྒྱུད་ནས་རྒྱབ་སྐྱོར་ཡོད་སྐོར་གསུངས།
ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་ཞོགས་པའི་དུས་ཚོད་ ༩.༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་མདུན་དུ་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། དྲུང་ཆེ་རྨེའུ་དཀོན་རྒྱམ་བཅས་བཅར་ནས་ཚོགས་པའི་སྒྲིག་གཞིར་འགྱུར་བ་ཕྱིན་སྟངས་དང་གྲོས་ཆོད་ཁག མ་འོངས་པའི་ལས་དོན་བྱེད་ཕྱོགས་བཅས་སྙན་གསེང་ཞུས་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན། ཆབ་སྲིད་བཙོོན་པའི་དཀའ་ངལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་ཁྱབ་སྤེལ་དང་བོད་ནང་གི་ཛ་དྲག་གི་གནས་ཚུལ་བསྡུ་ལེན་དང་མཁོ་གཏོང་བྱ་རྒྱུའི་འགན་ལེན་དམིགས་བསལ་བྱེད་དགོས་གསུངས་སོང་།

No comments:

Post a Comment